1500字范文,内容丰富有趣,写作好帮手!
1500字范文 > 城西社区党支部开展“不忘初心 牢记使命” 主题宣讲活动

城西社区党支部开展“不忘初心 牢记使命” 主题宣讲活动

时间:2019-09-20 03:01:36

相关推荐

城西社区党支部开展“不忘初心 牢记使命” 主题宣讲活动

.10.16

མཁར་ནུབ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་བརྟན་པོ་ཡིད་ལ་བཅངས་”ཞེས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་ཚང་འཛོམས་གྲོས་ཚོགས་འཚོགས།

ཟླ10བའི་ཚེས16ཉིན།མཁར་ནུབ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་བཅངས།”ཞེས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་།ཚོགས་འདུ་ལ་སྡེ་ཁུལ་གྱི་ཏང་ཡོན་རྒན་པ་དང་།མང་ཚོགས་བཅས་མི་གྲངས་62ལྷག་ཞུགས་འདུག་ལ།ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་བའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་བཅངས།”ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་དམིགས་ཚད་ལས་འགན་ཁ་གསལ་ཡོང་བར་བྱེད་པ། སྲིད་གཞུང་ཁོངས་གཏོགས་ཀྱིས་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་དེ་རེད།

རྫོང་ཏང་ཨུའུ་སློབ་གྲྭའི་དགེ་རྒན་ཆེན་མོ་སྲུང་མ་ལགས་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ལ།བརྗོད་དོན་སློབ་གསོ་གང་ལེགས་སྒོས་སྤེལ་བའི་རིང་བསམ་བློའི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་དེའི་ནང་ཧུར་ཐག་གིས་ཞུགས་དགོས་པ། སྡེ་ཚན་ཁག་གིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་སྟངས་འཛིན་ནན་མོ་བྱེད་པ། བརྗོད་དོན་སློབ་གསོའི་ཕན་འབྲས་བརྟན་པོའི་ངང་འཕར་བར་བྱེད་པ།སྒྱུར་བཅོས་ལ་སྐུལ་འདེད།གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་ལས་ཀའི་ལག་ལེན་ཁྲོད་མངོན་པར་བྱས་ཏེ་སྡེ་ཁུལ་གྱི་དམངས་འཚོའི་ཕན་འབྲས་འཕེལ་རྒྱས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། དེ་དང་ཆབས་ཅིག་བརྗོད་དོན་སློབ་གསོ་སློབ་སྦྱོང་དང་ཞིབ་བཤེར་ལ་བརྟེན་ནས་སྡེ་ཁག་དེ་གའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་ཐོག་ཏུ་གནད་དོན་གྱི་གསལ་ཐོ་བཟོས་ཏེ་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་ཐོག་ནས་བྱ་བའི་ཁྲོད་ལྷག་པའི་གནད་དོན་མངོན་གསལ་དོད་པའི་འཚོལ་ཞིབ་བྱ་དགོས་པར་བསྟན་དང་བློ་མཐུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུར་དམིགས་ནས་ངོས་འཛིན་དང་མྱོང་ཚོར་གླེང་བ་རེད།

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。